ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་གཟའ་ལྷག་པའི་ནས་འབར་མའི་གཞུང་འཛིན་ཚོགས་པའི་འགོ་ཁྲིད། ཨང་སན་སུ་ཅི་རྒྱ་ནག་ལ་ཉི་མ་ལྔའི་གཞུང་འབྲེལ་འཚམས་འདྲིར་ཕེབས་ཏེ། རྒྱ་ནག་གིས་འབར་མའི་འཛུགས་སྐྲུན་ལ་མ་རྩ་འཛུགས་རྒྱུ་དང་དཔལ་འབྱོར་རོགས་རམ་འཐོབ་རྒྱུ། འབར་མའི་གཞུང་དང་དམག དྲག་ཆས་སྤྲས་པའི་འབར་མའི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་གིས་ཞི་བའི་གྲོས་མོལ་བྱ་འཆར་ཡོད་པར་རྒྱ་ནག་གི་རྒྱབ་སྐྱོར་བྱ་རྒྱུ་དང་། ལྷག་པར་དུ་ལོ་ཤས་གོང་ནས་འབར་མ་དང་རྒྱ་ནག་གཉིས་ཀྱིས་ཆུ་མཛོད་ཆེན་པོ་ཞིག་དང་ཆུ་ཤུགས་གློག་ཁང་ཞིག་འཛུགས་སྐྲུན་བྱེད་ཀྱི་པ་འབར་མའི་གཞུང་གིས་མཚམས་བཞག་སྟེ། ད་ལྟའང་འཛུགས་སྐྲུན་དེ་དག་མཇུག་སྐྱོང་ཐུབ་ཀྱི་མེད་པ་བཅས་ལ་གྲོས་བསྡུར་བྱ་རྒྱུ་དང་། རྒྱ་ནག་དང་འབར་མའི་འབྲེལ་བ་གསར་པ་ཞིག་ཚུགས་རྒྱུ། ད་ལོའི་ཕྱི་ཟླ་༣་ནང་ཨང་སན་སུ་ཅིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པས་སྲིད་དབང་བཟུང་ནས་བཟུང་། ཨང་སན་སུ་ཅི་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་དང་འབར་མ་མཉམ་འབྲེལ་གྱིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་ཆུ་ཤུགས་གློག་ཁང་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་སྟེ། ༢༠༡༢་ལོར་འབར་མའི་དམག་གི་འགོ་ཁྲིད་ཐེན་སེན་གྱི་གཞུང་གིས་ཆུ་ཤུགས་གློག་ཁང་དེ་འཛུགས་སྐྲུན་བྱ་རྒྱུ་མཚམས་འཇོག་བྱེད་ཏུ་བཅུག་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཆུ་ཤུགས་གློག་ཁང་དེ་ནས་ཐོན་པའི་གློག་བརྒྱ་ཆ་༩༠་ཐམ་པ་རྒྱ་ནག་ལ་གཏོང་རྒྱུ་དང་འབར་མ་རྒྱལ་ཁབ་ལ་ཆུ་ཤུགས་གློག་ཁང་དེ་ནས་གློག་བརྒྱ་ཆ་༡༠་ལས་འཐོབ་ཀྱི་མེད་པ་དེར་ཐུག་ཡོད་པ་རེད། །

XS
SM
MD
LG