ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གཞུང་གཉེར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་བེུད་རྐྱལ་རྩེད་པ་གཅིག་གིས་ལུས་ལ་ནུས་རྩལ་རྒྱས་ཐབས་ལ་ཁྲིམས་འགལ་གྱི་སྨན་རྫས་བཟས་པའི་ཉེར་ལེན་བརྟེན་ཨོ་ལེམ་པིག་རྩེད་འགྲན་ནས་ཕྱིར་འབུད་བཏང་འདུག་པ་དང་། ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་རྐྱལ་རྩེད་པ་ཁྲན་ཤིན་ཡིའི་ལུས་ལ་ཁྲིམས་འགལ་གྱིས་སྨན་རྫས་ཡོད་མེད་བརྟག་དཔྱད་བྱས་རྗེས་ཨོ་ལེམ་པིག་རྩེད་འགྲན་པ་ཚོས་ཟ་མི་ཆོག་པའི་སྨན་རྫས་ hydrochlorothiazide ཞེས་པའི་སྨན་རྫས་བཟས་ཡོད་པའི་ར་འཕྲོད་བྱུང་འདུག་པ་དང་། སྨན་རྫས་དེ་བཅིན་སྙི་མང་པོ་བབས་ཆེད་ཀྱི་སྨན་ཞིག་ཡིན་པ་རེད། ཤིན་ཡིའི་གནད་དོན་དེ་ཁྲིམས་འགལ་ལ་བརྟེན་རྩེད་རིགས་འགྲན་སྡུར་ནང་བཀག་འགོག་བྱེད་དགོས་མིན་དེ་རྩེད་འགྲན་པའི་གྱོད་གཞིར་གཏུགས་བཤེར་བྱེད་མཁན་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གི་རྐྱལ་རྩེད་ལྷན་ཚོགས་ཀྱིས་ཁྲིམས་ཁང་དེའི་ཁྲིམས་ཐག་གང་བྱུང་བ་དེར་གུས་རྩིས་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་བྱས་འདུག བྷྲ་ར་ཛིལ་གྱི་གྲོང་ཁྱེར་རིའོ་ཌི་ཇི་ནོ་རིའི་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་དེ་འགོ་འཛུགས་ཉིན་མོ་ནས་ཁྲིམས་འགལ་གྱིས་ནུས་རྩལ་རྒྱས་ཐབས་ཀྱི་སྨན་རྫས་བཟས་པའི་རྙོགས་གླེང་བྱུང་ཡོད་པ་རེད།

XS
SM
MD
LG