ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་བརྒྱད་གཅིག་དམག་གི་དུས་ཆེན་ཉིན་བདག་དབང་བསྐྱར་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཕྱི་ཟླ་༧་ཚེས་༡༢་ཉིན་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་གི་བདག་དབང་ཡོད་པའི་དཔང་རྟགས་སམ། ཁུངས་སྐྱེལ་ར་སྤྲོད་གདེང་ཁེལ་པ་ཞིག་མི་འདུག ཧྥི་ལི་ཕིན་ལ་གླིང་ཕྲན་དེ་དག་གི་བདག་དབང་ཡོད་པའི་རྩོད་པ་རྒྱག་གི་ཡོད་པར་རྒྱུ་མཚན་ཆེན་པོ་འདུག་ཅེས་ཐག་གཅོད་བྱས་མོད། འོན་ཀྱང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་ཐག་གཅོད་དེར་ངོས་ལེན་མ་བྱས་པ་དང་། པེ་ཅིང་གི་དབང་འཛིན་པ་ཚོས་དེ་ལས་ལྡོག་སྟེ་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་བརྒྱད་གཅིག་དམག་གི་དུས་ཆེན་ཉིན་གཏམ་བཤད་བྱས་པ་ལྟར་ན་རྒྱ་ནག་གིས་རང་གི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས། འཛུགས་སྐྲུན་དང་མངའ་ཁོངས་གོང་བུ་གཅིག་གྱུར། མཚོ་ཁོངས་ཀྱི་ཐོབ་ཐང་དང་རྒྱ་ནག་གི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ནམ་ཡང་དམག་འཁྲུག་ལ་འཇིགས་སྣང་མེད། ཡིན་ནའང་ང་ཚོས་ཞི་བདེ་གཅེས་འཛིན་བྱ་རྒྱུའི་སེམས་ཐག་གཙང་བཅད་བྱས་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG