ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་གྱིས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བཙུན་༣༠ལྷག་ཙམ་ལ་དེང་དུས་ཀྱི་ཚན་རིག་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དེ་དབུ་འཛུགས་གནང་ཡོད་པ་དང་ ཐེངས་དེའི་ཟབ་སྦྱོང་ནི་ཕྱི་ཟླ་༨་པའི་ཚེས་༡་ནས་༡༣་བར་གནང་རྒྱུ་ཡིན་པ་དང་ཟབ་སྦྱོང་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནང་ཆོས་སློབ་གཉེར་གནང་མཁན་ཚོས་ཚན་རིག་ལ་ཐུགས་སྣང་དགོས་པའི་ལམ་སྟོན་དོན་འཁྱོལ་ཆེད་དུ་ཡིན་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་གནང་རོགས།

XS
SM
MD
LG