ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཤར་ཕྱོགས་པ་ཨ་རི་བ་ཚོས་ཧི་ལ་རི་ཁེ་ལིན་ཊོན་ལ་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་མཇུག་བསྒྲིལ་མ་ཐག་པའི་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་རིགས་རྒྱུད་ཤར་ཕྱོགས་པ་ཡིན་པའི་ཨ་མི་རི་ཀ་བ་དང་ཨ་རིའི་གྲོས་ཚོགས་འཐུས་མིའི་གོ་གནས་བཟུང་ཡོད་པ་མང་པོ་ཞིག་གིས་གཏམ་བཤད་བྱས་ཏེ། ཁོང་ཚོས་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ལ་སྲིད་འཛིན་འོས་མི་རེ་ཡོད་པ་དེ་དག་ལས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་ལ་ཕྱི་མི་གཞིས་ཆགས་དང་ཤེས་ཡོན་སློབ་གསོ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་གང་ཅིའི་ཐད་དུ་ལས་དོན་ཚུལ་བཞིན་བསྒྲུབ་ཐུབ་པའི་ནུས་པ་དང་འཇོན་ཐང་གི་འོས་ཆོས་ཚང་ཡོད་པར་མཐོང་གི་ཡོད་པས་མི་མང་གིས་ཧི་ལ་རི་ཁེ་ལིན་ཊོན་འོས་ཤོག་འཕེན་དགོས་ཞེས་སྐུལ་མ་བྱས་ཡོད་པ་རེད།།

XS
SM
MD
LG