ངོ་འཕྲད་བདེ་བའི་དྲ་འབྲེལ།

མཁན་པོ་དཀར་ཚེ་བཙོན་ཁང་ནས་གློད་འགྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག


བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་མཁན་པོ་དཀའ་ཚེ་ལགས་རྒྱ་ནག་གཞུང་གི་བཙོན་ཁང་ནས་གློད་འགྲོལ་ཐོབ་ཡོད་ཀྱང། རྒྱ་ནག་གཞུང་གིས་ཁོང་ལ་མུ་མཐུད་དམ་བསྒྲགས་དང་ལྟ་སྲུང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་ཆོས་ཕྱོགས་མི་སྣ་གྲགས་ཅན་མཁན་པོ་མཁན་པོ་དཀར་ཚེ་ལགས་སྤྱི་ལོ་༢༠༡༣ ལོར་རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པའི་རྗེས་སུ་བོད་ནང་གི་བོད་མི་ཚོས་ཞི་བའི་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མཁན་པོ་གློད་འགྲོལ་ཡོང་བའི་འབད་བརྩོན་མང་པོ་བྱས་ཡོད། གནས་ཚུལ་ཐོན་གསལ་ལ་གཞིགས་ན། འདི་ལོའི་སྤྱི་ཟླ་ ༦ ཚེས་ ༤ ཉིན་ཡུལ་ཤུལ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་དཀར་ཚེ་ལགས་བཙོན་ཁང་ནས་གློད་འགྲོལ་བཏང་ཡོད་ཀྱང་མཁན་པོ་དགོན་པར་འགྲོ་མ་བཅུག་པར་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ཅིག་གི་ནང་དུ་སྡོད་བཅུག་ནས་མུ་མཐུད་ལྟ་ཞིབ་ནན་པོའི་འོག་གནས་ཡོད་པའི་སྐོར་ཞིག་གསན་རོགས་གནང་།

XS
SM
MD
LG