ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མཚོ་པདྨར་སྤྲེལ་ཟླ་ཚེས་བཅུར་༧གོང་ས་མཆོག་དབུ་བཞུགས་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཀྱི་གནས་ཆེན་མཚོ་པདྨར་སྤྲེལ་ལོ་སྤྲེལ་ཟླ་ཚེས་བཅུའི་མཛད་སྒོའི་དབུ་བཞུགས་གནང་འདུག་པ་དང་། ཉིན་རྒྱབ་ཏུ་རིགས་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་འདུག་པའི་སྐོར། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གནས་ཆུང་དགེ་བཤེས་རྡོ་རྗེ་ལགས་གསུངས་དོན་ལ་ ད་ལམ་གྱི་སྤྲེལ་ལོའི་ཚེས་བཅུ་དེ་གནས་ཆེན་མཚོ་པདྨར་གོ་སྒྲིག་ཞུས་པ་དེ་ཐེངས་དང་པོ་ཡིན་པ་དང་། སྔར་སྲོལ་བཞིན་གནས་ཆུང་ཆོས་རྒྱལ་གཙོས་སྲུང་མ་ལྔ་སྤྱན་འདྲེན་སྐུ་གསོལ་ཞུས་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག སང་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་ཞལ་སྒྱུར་རྒྱུ་ཡིན་པ་རེད།

XS
SM
MD
LG