ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

བལ་ཡུལ་གྱི་དམར་ཤོག་ཚོགས་པས་གཞུང་འཛིན་ཁོངས་ནས་ཕྱིར་འཐེན་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་དམར་ཤོག་ཚོགས་པས་གཞུང་འཛིན་མཉམ་འབྲེལ་ཚོགས་པའི་ཁོངས་ནས་རྒྱབ་སྐྱོར་ཕྱིར་འཐེན་བྱས་ཡོད་པར་བརྟེན་གཞུང་འཛིན་ཚོགས་པར་དཀའ་ངལ་གསར་པ་ཞིག་ འཕྲད་ཡོད་འདུག དམར་ཤོག་ཚོགས་པས་བརྗོད་དོན་ལ། སྲིད་བློན་ཨོ་ལི་ཡིས། ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་གྲོས་མཐུན་བཞག་པ་ཁག་ལག་ལེན་དོན་འཁྱོལ་ཡོང་དཀའ་བ་དང་། གྲོས་མོལ་བྱུང་བ་ཁག་ཁ་དན་ཚིག་ལ་གནས་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཏེ། ཕྱོགས་འགལ་ཚོགས་པ་དང་མཉམ་དུ་གཞུང་འཛིན་གསར་པ་ཞིག་འཛུགས་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG