ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཚོགས་པ།



ཨ་རིའི་རང་བཙན་ཉིན་མོ་དང་བསྟུན། ཉིན་གསུམ་རིང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཚོགས་པའི་ཐོག་བོད་ཀྱི་སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོག་དགོངས་པ་རྫོགས་ཏེ་མི་ལོ་ ༥༠ ཕྱིན་པའི་དུས་དྲན་སྲུང་བརྩི་དང་འབྲེལ། བོད་རང་བཙན་གྱི་ཆེད་དུ་བློས་གཏོང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་འདུག ཚོགས་ཆེན་དུ་ཡོ་རོབ། དང་རྒྱ་གར་སོགས་རྒྱལ་ཁབ་འདྲ་མིན་དང་། ཨ་རིའི་མངའ་སྡེ་འདྲ་མིན་དུ་བཞུགས་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བོད་རང་བཙན་གྱི་ལངས་ཕྱོགས་བཟུང་མཁན་རྩོམ་པ་པོ་དང་། གྲོས་ཚོགས་འཐུས་མི། འཐུས་མི་ཟུར་པ་དང་ལས་འགུལ་བ་སོགས་ཚོགས་བཅར་བ་ ༡༢༠ ལྷག་འཛོམས་ཤིང་། ཁོང་རྣམས་པས། རང་བཙན་རྩོད་ལེན་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས། ཟླ་བ་རྒྱལ་པོ་ལགས། རྒན་ལྷ་བཟང་ཚེ་རིང་ལགས་བཅས་ལ་བོད་རང་བཙན་གྱི་གཟེངས་རྟགས་ཕུལ་འདུག ཚོགས་འདུའི་་ཐོག་གྲོས་གཞི་གཙོ་བོ་དྲུག་གི་ཐོག་གོ་བསྡུར་བྱས་ཏེ་ཐག་གཅོད་བྱས་འདུག ཚོགས་ཆེན་དེ་གྲོང་ཁྱེར་ནིའུ་ཡོག་ཏུ་གནས་བསྡོད་བྱེད་མཁན་བསྟན་འཛིན་དབང་འདུས་ལགས་དང་རང་བཙན་དོན་གཉེར་བ་ན་གཞོན་སྒེར་པ་ཁག་གཅིག་གིས་ཚོགས་ཆེན་གོ་སྒྲིག་ཞུས་པ་རེད། ལོ་རྗེས་མར་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་དེ་ཡོ་རོབ་ནང་ཚོགས་རྒྱུ་ཐག་གཅོད་བྱས་འདུག

XS
SM
MD
LG