ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་མང་ཚོགས་ལ་གསུང་བཤད་དང་སྨན་ལྷའི་རྗེས་སྣང་བསྩལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཨ་མི་རི་ཀའི་མངའ་སྡེ་ཀཱེ་ལི་ཕྷོར་ནི་ཡེའི་གྲོང་ཁྱེར་ཝེ་སི་ཊེ་མི་ནྶི་ཊར་གྱི་ནང་ཡོད་པའི་ ཝེ་ཏི་ནཱམ་གྱི་ནང་པའི་དགོན་པ་ཞིག་ཏུ་ཕྱི་ཟླ་དྲུག་པའི་ཚེས་༡༨ཉིན་ ཆེད་དུ་བྱ་བའི་གདུལ་བྱ་ཝེ་ཏི་ནཱམ་གྱི་ནང་པ་གཙོ་བོར་གྱུར་བའི་ དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་ སྨན་ལྷའི་རྗེས་སྣང་བཀྲིན་ཆེ་གནང་མཛད་ཡོད་ཅིང་ གསུང་ཆོས་དབུ་འཛུགས་མ་གནང་གོང་ དེར་འདུས་པ་རྣམས་ལ་གསུང་བཤད་བསྩལ་ཏེ་ ད་རེས་གང་ཉིད་དེ་གར་གདན་ཞུ་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་གནང་བ་དང་འབྲེལ་ གང་ཉིད་གང་དུ་ཆིབས་བསྒྱུར་གནང་བ་ཡིན་རུང་ ཚང་མར་མི་དང་མིའི་འདུ་ཤེས་ཀྱི་ཐོག་ནས་མཇལ་འཕྲད་གནང་གི་ཡོད་པའི་སྐོར་སོགས་བཀའ་བསྩལ་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG