ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་ཨ་རིའི་མཛད་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀར་ཆིབས་སྒྱུར་གནང་སྟེ། ཕྱི་ཟླ་༦་ཚེས་༡༢་ནས་ཉི་མ་བཅུ་དགུའི་རིང་ལ་མཛད་འཕྲིན་རིམ་པ་ཞིག་བསྐྱང་འཆར་ཡོད་ཅིང་། གནངས་ཉིན་གཟའ་ཉི་མའི་ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཕེབས་འབྱོར་གནང་གི་ཡོད་པ་རེད། གཤམ་ལ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་༧གོང་ས་མཆོག་གི་མཛད་འཆར་ཁག་དང་དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་ལོ་གསུམ་ཡས་མས་ཤིག་ལ་བྱང་ཨ་རི་ཁུལ་གྱི་ལས་ཁུར་བཞེས་པར་གྲུབ་འབྲས་ཅི་བྱུང་སོགས་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG