ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཤར་ཕྱོགས་བླ་རུང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་གྲྭ་བཙུན་༡༢༠༠་ཚུད་པའི་ཆོས་པ་མི་གྲངས་༢༢༠༠་ཙམ་ཕྱིར་འབུད་གཏོང་དགོས་པ་དང་གྲྭ་ཤག་༡༥༠༠་ཙམ་གཏོར་དགོས་སྐོར་འཁོད་པའི་གསལ་བསྒྲགས་ཀྱི་ཡིག་ཆ་ཞིག་བོད་མའི་སྤྱི་ཚོགས་དྲྭ་ལམ་ཁག་ནང་བརྒྱུད་སྤེལ་བྱེད་བཞིན་པ་རེད་འདུག སྤེལ་མཁན་སུ་ཡིན་དང་དུས་ཚོད་བཅས་མ་འཁོད་པའི་གསལ་བསྒྲགས་ཀྱི་ཡིག་ཆ་དེ་ཁུངས་བདེན་ཡིན་མིན་ད་ལྟའི་ཆ་ལ་འདི་ནས་ཤེས་རྟོགས་ཐུབ་མ་སོང་། འོན་ཀྱང་ཉེ་བའི་ཆར་རྒྱ་ནག་གཞུང་གི་ཟི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་དཀར་འཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་དུ་བསྐྱོད་ནས་བླ་རུང་སྔ་རིག་སློབ་གཉེར་ཁང་གི་འགན་ཁུ་མི་སྣ་བཀུག་ནས་ཆོས་ལུགས་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་ཡོད་པ་རེད། ཁམས་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། སྐབས་དེར་རྒྱ་ནག་གི་ཁྲིམས་ལུགས་ཀྱི་ལས་དོན་ཁག་ལག་ལེན་བསྟར་དགོས་པ་དང་། ནང་ཆོས་ཀྱི་བྱ་བ་ཁག་རྒྱ་ནག་གི་རིག་གཞུང་དང་མཐུན་པ་དགོས་པའི་སྐོར་སོགས་བརྗོད་ཡོད་པ་རེད། དུས་ཚོད་ཀྱི་ཆ་ནས་བཤད་ན་ཐེངས་འདིར་སྤྱི་ཚོགས་གྲྭ་ལམ་ཁག་ནང་ཐོན་བཞིན་པའི་གནས་ཚུལ་དེ་དང་ཚོགས་འདུ་དེ་གཉིས་བར་ལ་འབྲེལ་བ་ཡོད་སྲིད་པ་ཞིག་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG