ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར་ཉིན་སྲིད་སྐྱོང་མཆོག་གིས་ལི་ལི་གྲོང་སྡེ་དབུ་འབྱེད་གནང་འདུག རྒྱ་གར་བྱང་ཕྱོགས་སྦིར་གཞིས་ཆགས་ཁོངས་སུ་ཡོད་པའི་རྒྱ་ཁྱོན་ཨེ་ཁར་གཉིས་ཙམ་ཡོད་པའི་གྲོང་སྡེ་གསར་པའི་ལས་གཞི་དེ་ 2011 ཙམ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་གིས་འཆར་གཞི་བཀོད་དེ་ལས་གཞི་འགོ་འཛུགས་པ་ཞིག་ཆགས་ཡོད་པ་རེད། སྦིར་གསར་འབྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐལ་བཟང་ཤེས་རབ་ལགས་ནི་ལི་ལི་གྲོང་སྡེར་ སྡོད་ཁང་ཐོབ་མཁན་ཁོངས་སུ་ཡོདཔ་དང། ཁོང་གིས་གཞུང་གི་རོགས་རམ་འོག་གསར་འབྱོར་གྱི་དུད་ཚང་མང་པོར་ཁང་པ་གླ་མི་དགོས་པར་གཏན་འཇགས་ཁང་པ་ཐོབ་སྟེ་བསྡོད་ཁང་གི་དཀའ་ངལ་ལས་གྲལ་ཐུབ་སོང་ཞེས་འདི་ག་རླུང་འཕྲིན་ཁང་ལ་བཤད་སོང་། ཚོགས་མི་རྣམས་ས་གནས་སུ་རྩམ་པ་དང་བག་ལེབ་འཚོང་བ། དགོན་སྡེའི་མ་བྱན་བྱས་ཏེ་འཚོ་བ་སྐྱེལ་གྱི་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG