ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ནང་སྲིད་འཛིན་འོས་མིར་ལངས་མཁན་ཚོའི་དབར་འགྲན་རྩོད་རྣོ་ངར་ཆེ་རུ་སོང་ཡོད་པ།


སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་མཁན་ཀྲེཊ་ ཀུ་རུཛ་དང་མང་གཙོ་ཚོགས་ཁོངས་ནས་བྷར་ནི་ སེནཌརྶ་གཉིས་ཀྱིས་ཝིས་ཀན་སི་མངའ་སྡེའི་ནང་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་པ་དེ་ནས་དངོས་གཞིའི་འོས་མི་ཐག་གཅོད་ལ་ཁྱད་པར་བཟོ་རྒྱུའི་རེ་བ་བྱས་ནས་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། མངའ་སྡེ་དེ་ནས་ཀྲེཌ་ཀུ་རུཛ་ལ་རྒྱལ་ཁ་ཐོབ་ན་སྤྱི་མཐུན་ཚོགས་པའི་འགྲན་རྩོད་ད་དུང་ཉེ་རུ་འགྲོ་རྒྱུ་ཡིན་ནའང་། མང་གཙོ་ཚོགས་ཁོངས་ནས་བྷར་ནི་ སེན་ཌརྶ་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་། ལྕམ་ཧི་ལ་རི་ཀི་ལིན་ཀྲོན་རྗེས་བཟུང་རྒྱུ་ཁག་པོ་ཆགས་ཡོད་པ་རེད། འོན་ཀྱང་གཟའ་འཁོར་རྗེས་མར་ནིའུ་ཡོག་མངའ་སྡེ་སོགས་མངའ་སྡེ་འགའ་ཞིག་གི་ནང་སྔོན་འགྲོའི་འོས་བསྡུ་བྱ་རྒྱུ་ཡིན་པ་དེས་ཐག་གཅོད་ལ་ཁྱད་པར་བཟོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG