ངོ་འཕྲད་བདེ་བའི་དྲ་འབྲེལ།


༢༠༠༩་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱལ་ཁབ་ཀྱི་སྲིད་འཛིན་བཟུང་ནས་ཟླ་བ་གསུམ་ལས་སོང་གོང་། ཁོང་ཡུ་རོབ་གླིང་གི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རཀ་གྲོང་ཁྱེར་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་མི་མང་སྟོང་ཕྲག་མང་པོར་ཨ་མི་རི་ཀ་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་མྱོང་བའི་རྒྱལ་ཁབ་གཅིག་པུ་དེ་ཡིན། དེར་བརྟེན་ཨ་མི་རི་ཀར་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ཀུན་སྤྱོད་ཀྱི་འོས་འགན་ཡོད། ཎིའུ་ཡོཀ་དང་མོ་སི་ཀོ ཨི་སི་ལ་མ་བྷཏ་དང་བྷམ་བྷེ། ཀྲོག་ཁིའོ་དང་ཊེ་ལི་ཝིའུ། ཕེ་རི་སི་དང་ཕུ་རཀ་སོགས་འཛམ་གླིང་གྲོང་ཁྱེར་གང་འདྲ་ཞིག་ཡིན་རུང་། གྲོང་ཁྱེར་དེར་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་འཕོག་ན་མི་གྲངས་སྟོང་ཕྲག་མང་པོར་འཆི་རྨས་འབྱུང་རྒྱུ་ཉག་ཅིག་ཡིན་པ་དང་། རྡུལ་ཕྲན་མཚོན་ཆས་ས་གནས་གང་ལ་གཏོར་རྒོལ་བྱས་ཀྱང་ཁྱད་པར་མེད། འཛམ་གླིང་ཁྱོན་ཡོངས་སུ་བདེ་འཇགས་མེད་པ་དང་སྤྱི་ཚོགས་ལ་ཞི་བདེ་མེད་པ། དཔལ་འབྱོར་འཕེལ་རྒྱས་ལ་གནོན་སྐྱོན་འཕོག་རྒྱུ་དང་། མཐར་ཐུག་མི་རྣམས་འཚོ་མི་ཐུབ་པའི་མཇུག་འབྲས་གཅིག་མཚུངས་སུ་མྱོང་དགོས། འཇིགས་སྐུལ་རིང་ལུགས་པ་ཚོས་རྡུལ་ཕྲན་མཚོན་ཆ་འཐོབ་ཐབས་བྱེད་ཀྱི་ཡོད་པ་ང་ཚོས་འཕྲལ་དུ་འགོག་དགོས་པ་ཞིག་ཡིན་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG