ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བཙན་བྱོལ་བོད་མིའི་འོས་བསྡུ་ལ་རྟོག་ཞིབ་གནང་མཁན་ཚོས་བསྔགས་བརྗོད་གནང་བ།


བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་རྟོག་ཞིབ་གནང་མཁན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཚོགས་པས་བོད་མི་བཙན་བྱོལ་བ་ཚོས་འོས་བསྡུའི་ལས་དོན་ནང་ཚུལ་མིན་གྱི་བྱ་སྤྱོད་སོགས་གང་ཡང་མེད་པར་དྲང་བདེན་གྱི་ལམ་ནས་འོས་བསྡུ་བྱས་པ་མ་ཟད། འོས་ཤོག་འཕེན་སྐབས་བོད་མིའི་གཤིས་རྒྱུད་བཟང་པོ་རྒྱུན་འཛིན་བྱས་ཏེ་ཡིད་དབང་འཕྲོག་པའི་འོས་ཤོག་འཕངས་སོང་ཞེས་བསྔགས་བརྗོད་གནང་འདུག་པ་དང་། རེས་གཟའ་ཟླ་བའི་ཉིན་གསར་འགོད་ལྷན་ཚོགས་ཐོག་སྐུ་ཚབ་ཚོགས་པ་དེས་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དྷ་རམ་ས་ལ་དང་ཉེ་འཁོར་ས་གནས་བྷིར་བཅས་ལ་རྟོག་ཞིབ་གནང་བའི་གྲུབ་དོན་སྐོར་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག སྐུ་ཚབ་ཚོགས་པ་དེས་སྤྱི་ཡོངས་ཀྱི་བཙན་བྱོལ་བོད་མིའི་འོས་བསྡུའི་འགྲོ་ལུགས་ཧ་ཅང་བསྔགས་བརྗོད་འོས་པ་འདུག་ཀྱང་། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་བྱེད་ཕྱོགས་ལ་ད་དུང་འགྱུར་བ་གཏོང་དགོས་པ་འགའ་ཞིག་ཡོད་པའི་སྐོར་ཞིབ་ཕྲའི་སྙན་ཐོ་ཞིག་སྤྱི་ཁྱབ་འོས་བསྡུ་ལས་ཁང་ལ་འབུལ་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད། གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་ཐོ་མས་ མན་གྱིས་ད་ལམ་གྱི་འོས་བསྡུ་དེས་རྒྱ་ནག་གཞུང་ལ་བོད་མི་ཚོས་བརྡ་ལན་ནན་པོ་ཞིག་སྤྲད་པ་རེད་ཅེས་གསུངས་འདུག

XS
SM
MD
LG