ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བྱས་པ་ནང་བཞིན་རྒྱ་གར་གྱིས་རང་ཀྱི་ས་མཚམས་སུ་འཛུགས་བསྐྲུན།


གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་མན་ཏར་ཡེ་ཡི་གསར་འགོད་པ་ཅའོ་རྡི་རི་ཡིས་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་རྒྱ་ནག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་རྒྱ་རྒྱུད་དུ་ལམ་ཁག་དང་། གནམ་ཐང་། མེ་འཁོར་ལྕཌ་ལམ་གསར་བརྒྱག་སོགས་བྱས་ཏེ་འཛུགས་བསྐྲུན་ལས་འགུལ་ཤུཌ་ཆེ་བྱེད་ཀྱི་ཡོད་པས་རྒྱ་གར་གྱིས་ཀྱང་རང་ཉིད་ཀྱི་ས་མཚམས་ཀྱི་སྲུང་སྐྱོབ་ཀྱི་ཆེད་དུ་ས་མཚམས་ཀྱི་རྒྱ་རྒྱུད་དུ་འཛུགས་བསྐྲུན་ལས་འཆར་ཤུགས་ཆེ་རུ་གཏོང་གལ་ཆེན་པོ་ཡིན་པ་གསུངས་འདུག རྒྱ་དཀར་ནག་གཉིས་ཀྱིས་ད་ནས་ལོ་༥༤འི་གོང་སྟེ་ཕྱི་ལོ་༡༩༦༢འི་ལོར་ས་མཚམས་ཐོག་དམག་འཁྲུགས་ཤིག་བརྒྱབས་ཡོད་པའི་རྐྱེན་གྱི་མཛའ་མཐུན་གྱི་འབྲེལ་བ་རྒྱ་བསྐྱེད་འགྲོ་རྒྱུར་འགོག་རྐྱེན་མུ་མཐུད་དེ་བཟོ་གི་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG