ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་པའི་བདུན་ཕྲག་གཉིས་ལ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་ཚོགས་ཏེ། ཕྱི་ཟླ་༣་ཚེས་༡༦་ཉིན་རྒྱ་ནག་གི་ཚོགས་འདུ་གཉིས་ལེགས་གྲུབ་བྱུང་༌ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་སྔོན་ནས་ཐག་གཅོད་བྱས་པའི་གྲོས་ཆོད་ཁག་ལ་འཐུས་མི་ཚོས་དགག་བྱ་མེད་པར་མོས་མཐུན་ཡོད་ཅེས་ཆོག་བཀོད་དེ། རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་རྣམས་གྲུབ་ཡོད་པ་དང་། སྤྱིར་༡༩༥༤་ལོར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ནས་བཟུང་སྟེ་གཞུང་གི་ཐག་གཅོད་ཁག་ལ་འཐུས་མི་ཚོས་དགག་པ་བརྒྱབ་པའི་གནས་ཚུལ་མྱོང་མེད་རུང་། ད་ལོ་འཐུས་མི་ཅང་ཧུང་ཞེས་པ་ཞིག་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོར་གཏམ་བརྗོད་རང་དབང་དགོས་པ་དང་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG