ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པ་ཀི་སེ་ཏན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀཱ་ཤཱི་མིར་གྱི་ནང་རྒྱ་དམག་མི་ཡོད་པའི་གནས་ཚུལ།


པ་ཀི་སེ་ཏན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀཱ་ཤཱི་མིར་ས་ཁུལ་གྱི་ནང་ རྒྱ་ནག་གཞུང་གི་དམག་མི་སླེབས་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་པ་དེའི་ཐད་ རེས་གཟའ་ཟླ་བའི་ཉིན་ གསར་འགོད་པས་ རྒྱ་ནག་གཞུང་གི་མགྲིན་ཚབ་པར་འདྲི་བ་བཀོད་པར་ ལན་འདེབས་གསལ་པོ་བྱས་མེད་ཅིང་ འོན་ཀྱང་ གནས་ཚུལ་དེའི་ཐད་ རྒྱ་གར་གཞུང་གིས་བློ་འཚབ་ཡོད་པའི་རྣམ་པའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག་ རྒྱ་ནག་གཞུང་གིས་རང་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་ནས་ པ་ཀི་སེ་ཏན་གྱི་ལྷོ་ཕྱོགས་གྲུ་ཁའི་གྲོང་ཁྱེར་གྷ་ཝ་ཌར་བར་ གཞུང་ལམ་དང་ མེ་འཁོར་ལྕགས་ལམ་ དེ་བཞིན་ སྣུམ་འདྲེན་ལྕགས་མདོང་སོགས་འཛུགས་བསྐྲུན་བྱས་ཏེ་ དཀྱིལ་ཤར་མངའ་ཁུལ་ནས་རྡོ་སྣུམ་ ནང་འདྲེན་བྱེད་སྟབས་བདེ་རུ་གཏོང་རྒྱུས་མཚོན་པའི་ཨ་སྒོར་ཐེར་འབུམ་༤༦ཙམ་ཞིག་མ་གནས་ཀྱི་ཚོང་ལམ་གསར་པ་ཞིག་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དེའི་རིང་སྲུང་བྱའི་འགན་འཁུར་ལེན་རྒྱུའི་ཆེད་དུ་ དམག་མི་དེ་དག་མངགས་གཏོང་བྱས་པ་ཞིག་ཡིན་པའི་སྐོར་གནས་ཚུལ་ཐོན་གྱི་ཡོད་པ་རེད་ རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱ་གར་གྱི་༼NDTV༽བརྙན་འཕྲིན་ཁང་ལ་ གནས་ཚུལ་དེ་ཚོའི་ཐད་ང་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་ཡིན་ཞེས་གསུངས་པ་དང་འབྲེལ་ འཛུགས་བསྐྲུན་གྱི་ལས་གཞི་གཉེར་ཡུལ་དེར་ རྒྱ་ནག་གཞུང་གི་དམག་མི་གྲངས་འབོར་ཇི་ཙམ་ཞིག་འཇོག་རྒྱུ་ཡིན་པ་ཕལ་ཆེར་ང་ཚོས་ཚོད་དཔག་ཐིགས་ཀྱི་ཡོད་ཅེས་གསུངས་འདུག

XS
SM
MD
LG