ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་བྷ་མའི་ལྟ་གྲུབ་དོན་ཚན་བཅུའི་སྐོར།


ཨ་རིའི་གྲེབ་ལོ་མེཌ་གསར་དེབ་ནང་སྐུ་ཞབས་གྷོལ་སྦག་གིས་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཞིག་བཏོན་ཡོད་པ་དེའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་ཕྱི་འབྲེལ་སྲིད་བྱུས་ནང་གླིང་ཆེན་ཨེ་ཤེ་ཡའི་གནད་དོན་དེ་བཞིན་གལ་ཆེར་ངོས་འཛིན་བྱས་ཏེ་མ་འོངས་དུས་རབ་ཉི་ཤུ་རྩ་གཅིག་ནང་འཛམ་གླིང་གི་གལ་ཆེའི་ལྟེ་གནས་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། ད་བར་ཨ་རིའི་ངོས་ནས་རྒྱ་ནག་སྟོབས་ཤུགས་ཆེ་རུ་འགྲོ་བའི་སྐབས་དེར་རྒྱ་ནག་ལ་ཐད་ཀར་གདོང་ཐུག་གི་ལས་འཆར་མ་ཡིན་པར་མངའ་ཁུལ་དེར་རྒྱ་ནག་ཁེར་རྐྱང་དུ་བཞག་རྒྱུའི་སྲིད་བྱུས་ལག་ལྟར་བྱས་པར་སྒྲུབ་འབྲས་གང་ལེགས་སོན་ཡོད་པ་དང་། དེར་རྒྱ་ནག་རང་ཉིད་ཀྱང་ཧོན་ཐོར་དགོས་པ་བྱུང་ཡོད་པའི་སྐོར་སྲིད་འཛིན་ཨོ་བྷ་མས་དཔྱད་ཞིབ་པར་གསུངས་བའི་སྐོར་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG