ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་དང་རྒྱ་གར་གྱི་ཉེན་ཀ


རྒྱལ་ཁབ་ཅིག་ལ་སྟོབས་ཤུགས་ཡོད་མེད་ཀྱི་ཚད་གཞི་ནི་རྒྱལ་ཁབ་དེར་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡོད་ལ་ཐུག་ཡོད་པ་དང་། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་མའོ་ཙེ་ཏུང་གིས་གསར་བརྗེ་བསླངས་ཏེ། ཁོང་གིས་སྲིད་དབང་མེ་མདའ་ཁ་ནས་ཐོན་ཞེས་རྒྱ་ནག་ལ་བཙན་དྲག་གིས་བཙུགས་པའི་སྲིད་གཞུང་ཞིག་ཡིན་ཞིང་། མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་ལ་དེང་རབས་ཅན་གྱི་དམག་དཔུང་མེད་ཀྱང་། ལོ་རབས་༧༠་བའི་མཇུག་དེར་ཏིང་ཤཱའོ་ཕིང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་བསྒྱུར་རྒྱུ་འགོ་ཚུགས་པ་དང་། ཏིང་ཤཱའོ་ཕིང་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པར་དམག་དོན་དེང་རབས་ཅན་ལ་བསྒྱུར་མི་ཐུབ་པ་ངོས་ཟིན་ཏེ། ལོ་རབས་༧༠་བའི་མཇུག་ནས་འདས་པའི་ལོ་༣༠་ལྷག་རྒྱ་ནག་ལ་དཔལ་འབྱོར་སྒྱུར་བཅོས་བཏང་ནས་ལོ་ལྟར་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་བཅུ་ལྷག་སོང་བ་དང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་༢༠༡༦་ལོར་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལ་ཨ་སྒོར་ཁྲག་ཁྲིག་༡་དང་ཐེར་འབུམ་ཆེན་མོ་༤༦་སྤྲད་ཡོད་ཅེས་ཁྱབ་བསྒྲགས་བྱས་ཏེ། སྔ་ལོའི་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ལ་འཕར་སྣོན་བརྒྱ་ཆ་༧་དང་གྲངས་ཆུང་དྲུག་སོང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG