ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དགོངས་ཞུའི་སྐོར་བསྒྲགས་གཏམ།



བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ཟུར་པ་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ད་རིང་ཡིག་ཐོག་དང་བརྙན་འཕྲིན་བརྒྱུད་བཀའ་བློན་ནས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་ ཁོང་སྒེར་གྱི་དགོངས་པར་སྲིད་སྐྱོང་གི་གོ་གནས་བཟུང་མཁན་མི་དེར་འཛོམས་དགོས་པའི་མི་གཞིའི་ཁྱད་ཆོས་འགའ་ཞིག་ཟུར་འདོན་གནང་བའི་ནང་། སྲིད་སྐྱོང་གི་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་དགོས་པ་དང་། དེ་ཡང་ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་མ་ཟད། སྲིད་སྐྱོང་གི་འགན་འཁུར་ལེན་མཁན་མི་དེས་ཟོལ་མེད། དོན་དངོས་བརྗོད་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས་པ་དང་། ལས་དོན་ཡོངས་སུ་མཉམ་རུབ་ཀྱི་སྒྲུབ་མཁན་ཞིག་ཡིན་དགོས། དེ་ཡང་ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། གཞན་ལ་རྩིས་བཀུར་ཡོད་པ་ཞིག་དགོས་པ་ཡིན་ཞེས་གསུངས་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ་ སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལས་བརྒལ་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་ཆེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས་པ་ཡིན་ཞེས་གསུངས་འདུག མཇུག་ཏུ་འབོད་བསྐུལ་གནང་དོན་ལ་ བོད་མི་ཚོས་རང་གི་ཁེ་དབང་དང་རྣམ་དཔྱོད་བེད་སྤྱད་དེ་འོས་ཤོས་འཕེན་སྐབས་ཚང་མས་རང་འགན་གཟབ་ནན་གྱི་འཁྱེར་དགོས་པའི་འབོད་བསྐུལ་གནང་འདུག

XS
SM
MD
LG