ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཐེ་ཝན་གྱི་རྒྱལ་སའི་ནང་གོམ་བགྲོད་བྱས་ཡོད་པ།


ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ བོད་ལ་རང་དབང་དགོས་པ་དང་ བོད་ནང་གི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོགས་ཏེ་ གོམ་བགྲོད་བྱས་པའི་ཐོག་ནས་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་ཆེན་ཐེངས་༥༧པར་སྲུང་བརྩི་ཞུས་ཡོད་ཅིང་ དེ་ཡང་ ཕྱི་ཟླ་གསུམ་པའི་ཚེས་༥རེས་གཟའ་སྤེན་པའི་ཉིན་ མི་མང་ཆེ་བ་གུང་སེང་ཡིན་པའི་དུས་ཚོད་དང་སྟབས་བསྟུན་ཏེ་ དེ་ཉིན་ ཐེ་ཝན་གྱི་ནང་ཡོད་པའི་བོད་མི་དང་ བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒྲིག་འཛུགས་ཁག་ཉི་ཤུ་ལྷག་གི་ཚོགས་མི་ དེ་བཞིན་ གྲོས་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་གྲངས་༢༠༠ལྷག་གིས་ ཐེ་ཝན་གྱི་རྒྱལ་སའི་ནང་གོམ་བགྲོད་བྱས་ཏེ་ རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་ རྒྱ་ནག་གི་བཙན་གནོན་འོག་གནས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཏེ་ བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་འདུག

XS
SM
MD
LG