ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཐེ་ཝན་ལ་ཆིབས་སྒྱུར་གནང་ཕྱོགས་སུ་ཐེ་གཞུང་གིས་གྲོང་བསྡུར་བྱ་འཆར།


ཐེ་ཝན་གྱི་སྲིད་བློན་ཡེ་མན་ཆང་གིས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་ཆིབས་སྒྱུར་གནང་བར་ཐོངས་མཆན་འབུལ་དང་མི་འབུལ་ནི་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་དང་། དེ་བཞིན་འབྲེལ་ཡོད་ཀྱི་གཞུང་ཁག་ལ་མཉམ་དུ་གོ་བསྡུར་བྱས་ནས་ཐག་ཆོད་བྱ་རྒྱུ་རེད་ཅེས་བརྗོད་བྱས་ཡོད་ཅིང་། འདི་ནི་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁྲན་ཤེ་སཌ་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་གདན་འདྲེན་ཞུ་དགོས་པའི་གྲོས་འཆར་བཏོན་པར་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།།

XS
SM
MD
LG