ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གི་སྐུ་པར་བཤམས་པའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ།


རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་དགོན་པའི་གྲྭ་ཤག་ཏུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱེད་པའི་ནག་ཉེས་བཀལ་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཟླ་བ་དགུ་ལྷག་ལ་བཀག་ཉར་བྱེད་པའི་རྗེས་ཁ་བྲལ་བའི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཀལ་ཏེ་་ལོ་གཉིས་ཀྱི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་བརྗོད་ན་རྒྱ་ནག་གཞུང་གིས་དུས་བཅད་གང་ཡང་མེད་པར་བོད་མི་ཚོ་བཀག་ཉར་ཁང་དུ་འཇུག་བཞིན་པ་འདི་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཡིན་ཞིང་། དེ་ཡང་རྒྱ་ནག་གི་བཀག་ཉར་ཁང་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཁག་དང་མི་འདྲ་བར་གདུག་རྩུབ་དང་མནར་གཅོད་འདྲ་མིན་གཏོང་བའི་མུན་ནག་གི་དམྱལ་བ་ལྟ་བུ་ཡིན་པ་རེད་འདུག

XS
SM
MD
LG