ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ།


བཞུགས་སྒར་རྡ་རམ་ས་ལར་ རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་ཅིང་ དེ་ཡང་ ༡༩༩༩ལོར་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ ཚན་རིག་ དེ་བཞིན་ རིག་གནས་ལྷན་ཚོགས་ཀྱིས་ ཕྱི་ཟླ་གཉིས་པའི་ཚེས་༢༡གི་ཉིན་མོ་དེ་ནི་ རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་བཞིན་ དེ་ཉིན་ བཞུགས་སྒར་དུ་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ བོད་ཀྱི་སྐད་ཡིག་གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཚོགས་དང་སྦྲགས་ རྒྱལ་སྤྱིའི་ཉིན་མོ་དེར་སྲུང་བརྩི་ཞུས་ཡོད་པའི་སྐོར་ འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG