ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལོའི་ཕྱི་ཟླ་༣་པའི་ཟླ་དཀྱིལ་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཀུ་པ་རྒྱལ་ཁབ་ལ་འཚམས་འདྲིར་འཁྱུག་ཙམ་ཕེབས་འཆར་ཡོད་པ་དང་། ༡༩༥༩་ལོར་ཧྥི་ཌལ་ཁེ་སི་ཊི་རོས་ཀུ་པ་རྒྱལ་ཁབ་ལ་དམར་ཤོག་གི་གསར་བརྗེ་བསླངས་ཏེ། ཀུ་པ་སྐབས་དེར་ཨུ་རུ་སུའི་ཕྱོགས་གཏོགས་སུ་སོང་ནས་བཟུང་། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་ཨ་མི་རི་ཀ་དང་ཀུ་པ་གཉིས་ལ་ཕྱི་འབྲེལ་ཆད་ཅིང་། ཨ་མི་རི་ཀ་བ་ཚོ་ཀུ་པ་རྒྱལ་ཁབ་ལ་ཐད་ཀར་འགྲིམ་འགྲུལ་བྱ་མི་ཆོག་པའི་བཀག་སྡོམ་བྱས་མོད། འོན་ཀྱང་ལོ་ཤས་གོང་དུ་ཀུ་པའི་སྲིད་འཛིན་ར་ཧུལ་ཁེ་སི་ཊི་རོས་ཨ་མི་རི་ཀར་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་རྣམ་འགྱུར་བསྟན་པ་དང་། སྲིད་འཛིན་ཨོ་བྷ་མའི་གཞུང་གིས་ཀྱང་དེ་ལ་དང་ལེན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རིམ་བཞིན་ཡར་རྒྱས་སོང་སྟེ། ༢༠༡༥་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ཀུ་པའི་རྒྱལ་ས་ཧ་ཝ་ཎར་སྔོན་ཆད་ཕྱོགས་གཉིས་ལ་ཡོད་པའི་གཞུང་ཚབ་ཁང་གཉིས་བསྐྱར་དུ་སྒོ་ཕྱེ་ཡོད་པ་རེད།།

XS
SM
MD
LG