ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

༧གོང་ས་མཆོག་གིས་ལོ་གསར་གྱི་གསུང་འཕྲིན་བསྩལ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེ་པོ་མཆོག་དེང་སྐབས་ཨ་རིའི་མངའ་སྡེ་མི་ཎི་སོ་ཌའི་མ་ཡོ་སྨན་ཁང་དུ་སྐུའི་ལྒང་པའི་ནད་གཞི་སྔོན་འགོག་གི་སྨན་བཅོས་ཀྱི་ཞོར་དུ་སྐུ་ངལ་གསོ་བཞིན་ཡོད་ཅིང་། ཕྱི་ཟླ་༢་ཚེས་༥་ཉིན་མགོན་པོ་གང་ཉིད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་གངས་ཅན་པ་སྐྱ་སེར་ཡོངས་དང་འཛམ་གླིང་གི་ས་ཕྱོགས་གང་སའི་བོད་དོན་རྒྱབ་སྐྱོར་པ་བཅས་ལ་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་གོ་སྐབས་བཟུང་ནས་ལོ་གསར་པའི་འཚམས་འདྲི་གནང་བའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།

XS
SM
MD
LG