ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལོ་གསར་ཆེད་འགྲོ་སྐྱོད་བྱེད་མཁན་རྒྱ་རིགས་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ།


ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་གཟའ་འཁོར་རྗེས་མ་ནས་སྔོན་སྲོལ་ལོ་གསར་པ་འགོ་ཚུགས་ཀྱི་ཡོད་པ་རེད། ལོ་གསར་སྐབས་ནང་མི་ཚང་འཛོམས་བྱ་རྒྱུའི་དུས་ཚོད་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གི་ནང་ལས་མི་སྟོང་ཚོ་མང་པོས་ལོ་གསར་གྱི་གུང་སེང་སྐབས་རང་གི་ནང་མི་སྤུན་ཆེད་ཐུག་འཕྲད་སླད་གྲོང་གསེབ་ས་ཁུལ་ཁག་ཏུ་སྐྱོད་ཀྱི་ཡོད་འདུག འོན་ཀྱང་དེང་སྐབས་གནམ་གཤིས་སྡུག་པའི་རྐྱེན་གྱིས་རི་ལེ་མང་པོ་ཞིག་དུས་ཐོག་འགྲོ་སྐྱོན་མི་ཐུབ་པའི་གནས་སྟངས་ལ་བརྟེན་ནས་འགྲུལ་པ་སྟོང་ཚོ་མང་པོ་རི་ལེའི་བབས་ཚུགས་ཁག་གི་ནང་ཆུ་ཚོད་མང་པོ་སྡོད་དགོས་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG