ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་མཚན་ཐོ་བཀོད་པའི་ནང་བླ་ཆེན་ཁག་བཅུག་མེད་པ།


རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བའི་ལས་དོན་གཞིར་བཟུང་། བོད་ཀྱི་སྤྲུལ་སྐུའི་མཚན་གཞུང་དང་ལོ་རྒྱུས་པར་སྐྲུན་བྱས་ཡོད་པ་རེད། འདི་ནི་སྤྲུལ་སྐུ་རྫུན་མ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་ཞེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བརྗོད་བབས་དེའི་རྒྱབ་ཏུ་བོད་མི་དམངས་ཀྱི་སྲོལ་རྒྱུན་ཡང་སྲིད་ངོས་འཛིན་གྱི་དབང་ཆ་འཕྲོག་རྒྱུའི་སྲིད་ཇུས་དེ་ཡོད་པ་བཙན་བྱོལ་བོད་གཞུང་གི་འགན་ཁུར་མི་སྣས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གཉེར་གསར་འགྱུར་གྱིས་བརྗོད་པ་ལྟར་ན། ཐེངས་འདིའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་མཚན་ཐོ་༨༧༠་ཟེར་བ་དེའི་ནང་ རྒྱ་ནག་གི་དོ་དམ་འོག་ཡོད་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་༧གོང་ས་མཆོག་གིས་དབུས་པའི་བོད་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་བླ་ཆེན་ཁག་མེད་པ་རེད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG