ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཨ་རིའི་སྤྱི་འཐུས་མི་འོས་མི་རྣམས་ཀྱིས་ཊོ་རོན་ཊོའི་ནང་བགྲོ་གླེང་གནང་ཡོད་པ།


རིང་མིན་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་གང་སར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ སྐབས་བཅུ་དྲུག་པའི་སྤྱི་འཐུས་འོས་འདེམས་བྱ་རྒྱུ་ཡིན་སྟབས་ དེང་སྐབས་འོས་མི་རྣམས་ཀྱི་བགྲོ་གླེང་དང་ འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་ཡིན་པས་ འདི་ག་བྱང་ཨ་མི་རི་ཀའི་ཁུལ་ལ་ཆ་མཚོན་པ་ཡིན་ན་ སྤྱི་འཐུས་གཉིས་ཀྱི་འོས་མིའི་གདན་ཐོབ་ཡོད་པ་དེའི་ཆེད་དུ་ འགྲན་ཞུགས་གནང་མཁན་འོས་མི་གཙོ་བོ་དྲུག་ཡོད་པ་དེ་དག་གི་བགྲོ་གླེང་ལས་རིམ་ཡང་ ད་ཕན་ས་ཁུལ་མང་པོ་ཞིག་ཏུ་བྱས་ཚར་བ་དང་ ད་དུང་ས་ཁུལ་ཁག་ཅིག་ལ་རིམ་པས་བྱ་རྒྱུའི་འཆར་གཞི་ཡོད་པ་ནས་ རེས་གཟའ་སྤེན་པའི་ཉིན་མོ་རང་ ཀེ་ནེ་ཊེའི་གྲོང་ཁྱེར་ཏྲོ་རོན་ཏྲོའི་ནང་ ས་གནས་ཀྱི་གཞོན་ནུ་ལྷན་ཚོགས་དང་ ཨོན་ཏྲེ་རི་ཡོའི་བོད་རིགས་སྤྱི་མཐུན་ཚོགས་པ་ཟུང་འབྲེལ་གྱི་ཐོག་ནས་ བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་བགྲོ་གླེང་གོ་སྒྲིག་གནང་མཁན་གྲས་ ཊོ་རོན་ཊོ་ས་གནས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG