ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨིན་རྡུ་ཎེ་ཞི་ཡའི་རྒྱལ་སར་རང་སྲོག་བློས་གཏོང་བས་གཏོར་རྒོལ།


ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་ཁ་ཆེ་དྲག་སྤྱོད་པ་ཚོས་ཨི་རྡུ་ཎེ་ཞི་ཡའི་རྒྱལ་ས་ཇཱ་ཀ་ཏར་འབར་མདེལ་དང་མེ་མདའ་བརྒྱབ་སྟེ་ཉུང་མཐའ་ཡང་མི་༦་བསད་ཡོད་ཅིང་། ད་ཐེངས་ཀྱི་གཏོར་རྒོལ་དེའི་ལན་ཁག་སུ་ལ་ཡོད་མེད་དངོས་ལེན་བྱེད་མཁན་བྱུང་མེད་ཀྱང་། སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཨིན་རྡུ་ཎེ་ཞི་ཡར་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་མྱོང་ཡོད་པས། ཨིན་རྡུ་ཎེ་ཞི་ཡའི་གཞུང་དམངས་གཉིས་ཀས་དོགས་པ་བྱ་ཡུལ་གཙོ་བོ་ཞིག་ཁ་ཆེ་རྒྱལ་ཁབ་ཀྱི་དྲག་སྤྱོད་པ་ཚོ་ཡིན་པ་དང་། ད་དུང་ཨི་ཇེབ་ཀྱི་རྒྱལ་ས་ཁེ་རོའི་གསར་འགྱུར་ལས་ཁང་ཞིག་གིས་ཨིན་རྡུ་ཎེ་ཞི་ཡའི་རྒྱལ་ས་ཇཱ་ཀ་ཏར་གཏོར་རྒོལ་བྱེད་མཁན་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོ་རེད་ཅེས་གནས་ཚུལ་སྤེལ་མོད། འོན་ཀྱང་ཨིན་རྡུ་ཎེ་ཞི་ཡའི་སྲིད་འཛིན་ཝི་དཱོ་དཱོས་གཞུང་གི་ཉེན་རྟོག་པས་རྩོད་གསལ་བོ་ཞིག་མ་བྱས་བར་དུ་མིང་མང་གིས་ཚོད་དཔག་སྣ་ཚོགས་ཤིག་མི་བྱ་བའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG