ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་གླིང་ཕྲན་གསར་རྒྱག་བྱས་པའི་ཐད་ཨ་རི་དང་ཕྷི་ལི་པིན་གྱིས་བློ་འཚབ།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ གླིང་ཕྲན་མང་པོ་གསར་རྒྱག་བྱས་ཟིན་ཡོད་པ་དེའི་ཐོག་ནས་ ཕྷི་ལི་པིན་གྱིས་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་བདེ་སྲུང་ལ་ཉེན་ཁ་འཕྲད་རྒྱུའི་བློ་འཚབ་ཡོང་གི་ཡོད་པ་དེ་ཞི་ཐབས་བྱ་ཕྱོགས་ཀྱི་ཐད་ ཕྷི་ལི་པིན་གྱི་ཕྱི་འབྲེལ་དང་ རྒྱལ་སྲུང་བློན་ཆེན་རྣམ་གཉིས་ཀྱིས་ ཨ་མི་རི་ཀའི་ཕྱི་སྲིད་དང་ རྒྱལ་སྲུང་དྲུང་ཆེ་དང་གྲོས་བསྡུར་གནང་རྒྱུའི་འཆར་གཞི་ཡོད་འདུག་ དེ་ཡང་ རེས་གཟའ་ཟླ་བའི་ཉིན་ ཕྷི་ལི་པིན་གྱི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅྷལ་སེ་ ཧོ་སེ་ཡིས་གསར་འགོད་པ་རྣམས་ལ་ རེས་གཟའ་མིག་དམར་ཉིན་ ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བྱ་རྒྱུའི་གྲོས་མོལ་དེ་ཚོའི་ཐོག་ ཕྷི་ལི་པིན་གྱི་ཕྱོགས་ནས་ཨ་མི་རི་ཀའི་དྲུང་ཆེ་རྣམ་གཉིས་ལ་ ལྷོ་རྒྱ་ནག་རྒྱ་མཚོ་ནི་ ཚོང་ཟོག་སྐྱེལ་འདྲེན་གྲུ་གཟིངས་དང་ དམག་དོན་གྲུ་གཟིངས་མང་པོ་འགྲུལ་བཞུད་བྱེད་སའི་མཚོ་ལམ་གལ་ཆེན་ཞིག་ཡིན་པས་ དེ་ཁུལ་གྱི་མཚོ་འགྲུལ་རང་དབང་འགན་སྲུང་བྱ་རྒྱུའི་ཆེད་དུ་ ཨ་མི་རི་ཀར་མཚོ་ཁུལ་དེའི་རྒྱུད་དུ་ལྟ་སྲུང་བྱེད་སྒོ་མུ་མཐུད་དེ་བྱེད་དགོས་པའི་རེ་བསྐུལ་ཞུ་གི་རེད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG