ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་ཡང་རླུང་གི་འབར་མདེལ་ཚོད་ལྟ་བྱས་པར་རྒྱལ་ཚོགས་ཀྱི་བློ་འཚབ་གནང་།


བྱང་ཀོ་རི་ཡས་གཟའ་ལྷག་པའི་ཉིན་ཡང་རླུང་འབར་མདེལ་ཚོད་ལྟ་གྲུབ་འབྲས་ལྡནཔ་ཞིག་བྱེད་ཐུབ་ཡོད་པའི་གསལ་བསྒྲགས་བྱས་པའི་རྗེས་རྒྱལ་སྤྱིའི་ངོས་ནས་སྐྱོན་བརྗོད་ཤུགས་ཆེ་ཡོང་བཞིན་ཡོད་པ་དང་ ཡང་རླུང་འབར་མདེལ་གྱི་གཏོར་ཚབས་ཀྱི་ནུས་པ་ནི་རྡུལ་ཕྲན་འབར་མདེལ་ལས་ཆེ་བ་ཡིན་སྟབས་བྱང་ཀོ་རི་ཡས་ཚོད་ལྟ་བྱེད་ཐུབ་ཡོད་པ་བརྗོད་པ་བཞིན་བདེན་པ་ཡིན་ཚེ་ཉེན་ཁ་ཆེན་པོ་ཡིན་པས་བྱང་ཀོ་རི་ཡའི་མནའ་མཐུན་རྒྱལ་ཁབ་རྒྱ་ནག་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་བྱང་ཀོ་རི་ཡའི་ཐད་དམིགས་གསལ་ཛ་དྲག་གི་ཚོགས་འདུ་ཞིག་གནང་བཞིན་ཡོད་པ་རེད།

XS
SM
MD
LG