ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་ནང་གི་ནུབ་ཕྱོགས་པའི་གཞུང་ཚབ་ཁང་ཁག་འཇིགས་སྐུལ་བའི་ཉེན་བརྡ།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་གཟའ་ཕུར་བུའི་ཉིན་མོ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་གྱི་ཉིན་མོ་དང་དེའི་དུས་རིང་ནུབ་ཕྱོགས་པའི་ཐོག་ལ་འཇིགས་སྐུལ་བའི་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་ཡོད་པའི་བརྡ་ཁྱབ་བཏང་བའི་རྗེས་སུ་པེ་ཅིང་གྲོང་ཁྱེར་ནང་ཡོད་པའི་ནུབ་ཕྱོགས་པའི་གཞུང་ཚབ་ཁང་ཁག་གནས་ཡུལ་དུ་བདེ་འཇགས་སུང་ཆ་དོ་དམ་དམ་དུ་བཏང་ཡོད་པ་རེད། པེ་ཅིང་ནང་ཡོད་པའི་ཨ་རི་དང་དབྱིན་ཡུལ་ཕྷེ་རན་སི་བཅས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱིས་བདེ་འཇགས་ལ་དོགས་ཟོན་དགོས་པའི་སྐོར་རང་གི་ཡུལ་མི་ལ་ཉེན་བརྡ་བཏང་ཡོད་པ་རེད།

XS
SM
MD
LG