ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཧོང་ཀོང་གི་གྲོས་ཚོགས་ཀྱི་ཕྱིར་འབར་འགས་བྱུང་བ་དང་འབྲེལ་བའི་ཐོག་ནས་མི་དྲུག་འཛིན་བཟུང་།


ཟླ་བ་འདིའི་འགོ་སྟོད་དུ་ ཧོང་ཀོང་གི་གྲོས་ཚོགས་ཁང་གི་ཕྱི་ཕྱོགས་སུ་འབར་གས་ཆུང་རྩག་ཅིག་བྱུང་ཡོད་པ་དེ་དང་འབྲེལ་བ་ཡོད་པའི་མི་སྣ་དྲུག་ གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ངེས་གཏན་ཡིན་ལུགས་ རེས་གཟའ་མིག་དམར་ཉིན་ གསལ་བསྒྲགས་བྱས་ཡོད་ཅིང་ འབར་འགས་ཀྱི་གནས་ཚུལ་དེ་ནི་ ཕྱི་ཟླ་༡༢པའི་ཚེས་༩དགུའི་ཉིན་ གྲོས་ཚོགས་ཀྱི་ནང་ རྙོག་གླེང་ཆེ་བའི་དཔེ་སྐྲུན་བདག་དབང་གི་ཁྲིམས་གཞིའི་གྲོས་འཆར་ཞིག་གི་ཐད་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བགྲོ་གླེང་བྱེད་རྩིས་བྱས་ཏེ་ཆུ་ཚོད་ཁ་ཤས་ཤིག་སོང་བའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

XS
SM
MD
LG