ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྲེན་ཀྲེན་ལ་རི་ཉིལ་ནས་ཁང་ཆེན་༣༣་བསྣུབས།


རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་ལ་རི་ཉིལ་ནས་ཁང་ཆེན་༣༣་བསྣུབས་པ་དང་། མི་༩༡་འདམ་ཉོག་འོག་ཏུ་མནན་ནས་རྙེད་ཀྱི་མེད་རུང་། རྒྱ་ནག་གི་འབྲེལ་ཡོད་ཉེན་སྐྱོབ་པ་ཚོས་གར་སོང་མེད་དུ་གྱུར་པའི་མི་དེ་ཚོ་འཚོལ་ཞིབ་བྱེད་ཀྱི་ཡོད་ཅིང་། ཧྲེན་ཀྲེན་གྲོང་ཁྱེར་གྱི་བཟོ་ལས་ས་ཁུལ་དེ་རྒྱ་ནག་གི་ཀྭང་ཏུང་ཞིང་ཆེན་གྱི་བཟོ་ལས་ས་ཁུལ་ལྟེ་བ་ཞིག་ཡིན་པ་སྟེ། དེང་སྐབས་འཛམ་གླིང་གི་ཁྲོམ་ར་གང་སར་ཚོང་འགྲེམ་བྱེད་བཞིན་པའི་ལག་ཐོགས་ཁ་པར་དང་རླངས་འཁོར། བརྙན་འཕྲིན་ཁང་དང་གྱོན་གོས། རྒྱ་ནག་ནས་ཐོན་པའི་དངོས་ཟོག་ཕལ་ཆེ་བ་ཀྭང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་ས་ཁུལ་དུ་བཟོ་འདོན་བྱེད་ཀྱི་ཡོད་པ་དང་། གཟའ་འཁོར་འདིར་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་ཁོངས་གཏོགས་མེ་གསོད་རུ་ཁག་གི་བརྙན་པར་བླངས་པ་དྲ་ལམ་དུ་བཀོད་པ་ལྟར་ན། ཧྲེན་ཀྲེན་གྲོང་ཁྱེར་གྱི་གོད་ཆག་བྱུང་ཡུལ་དེར་འདམ་ཉོག་དམར་པོས་བཀབ་ཡོད་པ་དང་། ཁང་ཆེན་ཁག་ཅིག་རྦད་དེ་འདམ་ཉོག་འོག་ཏུ་ཐིམ་པའམ། ཡང་ན་འདམ་ཉོག་ཁྲོད་དུ་ལོག་ཡོད་པ་དང་། ཁང་པ་ལོག་མེད་པ་དེ་དག་གི་ནང་དུ་འདམ་ཉོག་འཁྱིལ་ནས་ཧ་ཅང་དོགས་པར་གྱུར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG