ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིར་གཏོར་རྒོལ་བྱུང་བ་འཇིགས་སྐུལ་ལ་འབྲེལ་བ་ཡོད་པ།


ཨ་མི་རི་ཀའི་ཁེ་ལི་ཧྥི་ལི་ཡ་མངའ་སྡེའི་སན་བྷར་ཎར་ཌི་ནོ་ས་གནས་སུ་མེ་མདའ་བརྒྱབ་སྟེ། སྐྱེས་པ་ཧྥ་རུཀ་ཟེར་པ་ཞིག་དང་ཁོ་པོའི་ཆུང་མ་ཏ་ཤི་ཧྥིན་མ་ལིཀ་ཟེར་པ་གཉིས་ཀྱིས་མི་༡༤་བསད་པ་དང་མི་༢༡་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། ཧྥ་རུཀ་སྐྱེས་ཨ་རི་ཡིན་རུང་ཕ་མ་པ་རྣམས་པ་ཀི་སི་ཐན་ནས་ཡིན་པ་དང་། ཁོ་པའི་ཆུང་མ་ཏ་ཤི་ཧྥིན་མ་ལིཀ་ཀྱང་པ་ཀི་སི་ཐན་དུ་སྐྱེས་འདུག ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁུངས་དང་འབྲེལ་ཡོད་ཀྱི་ས་གནས་ཉེན་རྟོག་པ་ཚོས་གཏོར་རྒོལ་དེ་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་ཡོད་མེད་རྩད་གཅོད་བྱེད་ཀྱི་ཡོད་རུང་། ད་སྔ་ཨ་རིའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་གཏོར་རྒོལ་དེ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་རེད་ཅེས་ཁ་ཚོན་གཅོད་ཀྱི་མེད་པ་དང་། ཁོ་ཚོས་གཏོར་རྒོལ་དེ་རྒྱུན་ལྡན་གྱི་འཁྲུག་རྩོད་ཅིག་གམ། ཡང་ན་ཁ་ཆེ་རྒྱལ་ཁམས་དང་ཨལ་ཁེ་དྷ་སྒྲིག་འཛུགས་སོགས་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་སྡེ་ཚོགས་ལ་འབྲེལ་བ་ཡོད་མེད་རྩད་གཅོད་ཞིབ་ཚགས་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG