ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

གནམ་གཤིས་དང་འབྲེལ་བའི་ཆེས་མཐོའི་ལྷན་ཚོགས་ཆེད་ཨོ་བྷ་མ་པཱེ་རིས་ལ་ཕེབས་ཡོད་པ།


ཕྷ་རེན་སིའི་རྒྱལ་ས་པཱེ་རི་སི་ནང་ དེང་སྐབས་འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་གནམ་གཤིས་ལ་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་ཐད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་གནང་གི་ཡོད་པ་དེར་ཚོགས་ཞུགས་གནང་རྒྱུའི་ཆེད་དུ་ ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་ རེས་གཟའ་ཉི་མའི་ཕྱི་དྲོ་ གྲོང་ཁྱེར་དེར་ཕེབས་འབྱོར་གནང་ཡོད་པ་རེད་ འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ཙམ་ཞིག་གི་དབུ་ཁྲིད་ཚོགས་ཞུགས་གནང་རྒྱུའི་ཉིན་གྲངས་བཅུ་གཉིས་རིང་གི་ལྷན་ཚོགས་དེ་བཞིན་ ད་རིང་རེས་གཟའ་ཟླ་བའི་ཉིན་ནས་དབུ་འཛུགས་གནང་གི་ཡོེད་ཅིང་ ཚོགས་འདུ་དེའི་ཐོག་མཐའ་མའི་གྲོས་མཐུན་ཞིག་ཡོང་ཐབས་སུ་སྲིད་འཛིན་ཨཽ་བྷ་མ་མཆོག་གིས་ཡུན་རིང་འབད་བརྩོན་ཆེན་པོ་གནང་ཡོད་པས་ གལ་ཏེ་གྲོས་མཐུན་ཞིག་དངོས་སུ་བྱུང་བ་ཡིན་ན་ དེ་ནི་མ་འོངས་པར་ཡང་མི་རྣམས་ཀྱིས་དྲན་གསོ་བྱེད་པའིི་ཁོང་གི་མཛད་རྗེས་ཆེས་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་རེད།

XS
SM
MD
LG