ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པེ་རི་སེ་ནང་ཚེས་༣༠བར་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་དམ་དྲག


ཕྷ་རེན་སེའི་རྒྱལ་ས་པེ་རི་སེའི་ནང་ འཇིགས་བསྐུལ་རིང་ལུགས་པས་རྒོལ་བརྡུང་བཏང་བའི་ཚབས་ཆེའི་གནས་ཚུལ་བྱུང་བའི་རྗེས་སུ་ གྲོང་ཁྱེར་དེའི་ནང་ མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དེ་ ཕྱི་ཟླ་༡༡པའི་ཚེས་༣༠ཐམ་པའི་ཉིན་ དེ་གར་ འཛམ་གླིང་གི་གནམ་གཤིས་ལ་འགྱུར་བ་འགྲོ་བའི་དཀའ་ངལ་གྱི་གནད་དོན་ཐད་ རྒྱལ་སྤྱིའི་ཆེས་མཐོའི་ལྷན་ཚོགས་བྱ་རྒྱུ་ཡིན་པ་དེའི་བར་དུ་ མུ་མཐུད་དེ་ལག་ལེན་བསྟར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག་ དེ་ཡང་ པེ་རི་སེ་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ གཟའ་འཁོར་སྔོན་མ་དྲག་སྤྱོད་པས་རྒོལ་བརྡུང་བཏང་སྟེ་ མི་གྲངས་༡༣༠བསད་པ་དང་ མང་པོར་རྨས་སྐྱོན་བྱུང་བའི་གནས་ཚུལ་དེ་ནི་ ཧ་ཅང་གི་ཚབས་ཆེན་ཞིག་ཡིན་པ་འགྲེལ་བརྗོད་བྱས་པ་དང་སྦྲགས་ སྐབས་དེར་གཞུང་གིས་ གྲོང་ཁྱེར་ནང་མང་ཚོགས་འདུ་འཛོམས་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དེ་ ད་ཆ་ཕྱི་ཚེས་༣༠བར་མུ་མཐུད་ལག་ལེན་བསྟར་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བརྗོད་ཡོད་པ་རེད།

XS
SM
MD
LG