ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འཁྲུངས་གཞིས་སྟག་འཚེར་གྱི་མཐོང་ཐོས།


ཨ་མེ་རི་ཀའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་སྐད་གྲགས་ཅན་འདིའི་རྒྱ་ནག་ཏུ་ཡོད་པའི་གསར་འགོད་པ་ཨེ་མཱི་ལི་ར་ཧུ་ལ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་ཡུལ་མདོ་སྨད་སྟག་འཚེར་དུ་བསྐྱོད་དེ། ས་ཁུལ་དེར་མཐོང་ཐོས་བྱུང་བ་རྣམས་དང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པ་རྣམས་ཞིབ་བསྡུར་གྱིས་གསར་འགྱུར་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད། ཡང་སྟག་འཚེར་གྱི་སྡེ་འདབས་སུ་རྒྱ་ནག་གཞུང་གི་སྐོར་སྲུང་བའི་རྟོག་ཞིབ་ས་ཚིགས་ཡོད་པ་དང་སྡེ་བ་དེར་བསྐྱོད་པར་ངེས་པར་དུ་བདེ་སྲུང་རྟོག་ཞིབ་ས་ཚིགས་དེ་བརྒྱུད་དགོས་པ་མ་ཟད། མི་གང་བྱུང་སྡེ་བ་དེའི་ནང་དུ་འཛུལ་མི་ཆོག་པ། དེ་བཞིན་སྡེ་བའི་ནང་གི་བོད་པ་ཚོས་སྐད་ཆ་བཤད་ཆོག་གི་མེད་པའི་རྣམ་འགྱུར་བསྟན་པ་བཅས་བྲིས་འདུག རྩོམ་ཡིག་དེའི་མཐའ་སྡོམ་ལ་བོད་ཀྱི་ཤར་ཕྱོགས་ཀྱི་སྨད་སྟག་འཚེར་གྱི་༧གོང་ས་མཆོག་འཁྲུངས་སའི་གཞིས་ཀ་དེ་ནི་རྒྱ་ནག་གཞུང་གིས་ཇི་ལྟར་ཐག་གཅོད་བྱ་དགོས་པ་མ་ཤེས་པའི་གནས་སྟངས་ཞིག་ཡིན་པ་དང་གཞིས་ཀ་དེས་བོད་ཀྱི་མི་རབས་ཕྱི་མ་ཚོར་ལོ་རྒྱུས་ཤིག་དང་སྐྱོ་གར་ཞིག་བརྗོད་བཞིན་པས་དེ་ནི་བོད་པའི་སེམས་ཁམས་དང་ལོ་རྒྱུས་ཁྲོད་དུ་བརྗེད་ཐབས་མེད་པའི་གཞིས་ཀ་ཞིག་ཡིན་པ་ལུང་འདྲེན་བྱེད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG