ངོ་འཕྲད་བདེ་བའི་དྲ་འབྲེལ།

སོ་མྱུལ་གྱི་ལས་དོན་འགོག་རྒོལ་ཟེར་བའི་དྲིལ་བསྒྲགས་ལས་དོན་སྤེལ་བཞིན་ཡོད་པ།


༧གོང་ས་མཆོག་དང་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་འགོག་ཐབས་སླད། རྒྱ་ནག་གཞུང་གིས་བོད་ནང་གི་དགེ་འདུན་པ་དང་བཙུན་མ་ཚོར་སོ་མྱུལ་ལས་དོན་ལ་འགོག་རྒོལ་བྱེད་ཐབས་ཀྱི་སློབ་གསོ་ཟེར་བ་ཞིག་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང། རྒྱ་ནག་དམར་ཤོག་ཚོགས་པས་གཉེར་བའི་གོ་ལའི་གསར་ཤོག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན། བོད་རང་བཙན་གྱི་ལས་འགུལ་ལ་གདོང་ལེན་བྱ་རྒྱུ་དང་། ཏ་ལའི་བླ་མའི་ཤུགས་རྐྱེན་འགོག་ཐབས་ཆེད། ས་གནས་བདེ་འཇགས་མི་སྣས་ བོད་ནང་གི་དགེ་འདུན་པ་དང་བཙན་མ་ཚོར་སོ་མྱུལ་གྱི་ལས་དོན་འགོག་ཐབས་ཀྱི་སློབ་གསོ་སྤྲད་ཡོད་ཅིང་། སློབ་གསོའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡུལ་དེ་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་ལྗོངས་ནང་གི་དགེ་འདུན་པ་དང་བཙུན་པ་ཚོ་ཡིན་ཞེས་དང་། རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་ཉེ་འདབས་ལ་ཆགས་པའི་ཀོང་པོ་ཉིང་ཁྲི་ཁུལ་གྱི་དགེ་འདུན་པ་དང་བཙུན་པ་ཁྱོན་༢༢ ཙམ་ལ་གོང་ཞུས་དྲིལ་བསྒྲགས་སློབ་གསོ་དེ་སྤྲད་ཡོད་དང་། ཉིང་ཁྲི་ཁུལ་གྱི་བླ་མ་གླེིང་དགོན་པའི་ནང་རྒྱ་ནག་གཞུང་གིས་གནས་བདེ་འཇགས་མི་སྣ་ཚོས་ དགེ་འདུན་པ་དང་བཙུན་མ་ཚོར་དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་སོ་མྱུལ་གྱི་ལས་དོན་ལ་འགོག་རྒོལ་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་སློབ་གསོ་སྤྲད་ཡོད་ལུགས་ རྒྱ་ནག་གཞུང་གཉེར་ལོ་ལའི་གསར་ཁང་ནང་གནས་ཚུལ་སྤེལ་འདུག རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་སོ་མྱུལ་འགོག་ཐབས་ཀྱི་ཁྲིམས་ཡིག་ལ་དགེ་འདུན་པ་དང་བཙུན་པ་ཚོས་གུས་བརྩི་བྱ་ཕྱོགས་དང་། གལ་ཏེ་ ཁྲིམས་ཡིག་འདི་བརྩི་མེད་ཀྱི་ལས་དོན་བྱས་པ་ཡིན་ན་བྱུང་འབྲས་ག་རེ་ཡོང་མིན་སོགས་ཀྱི་ཐད་སློབ་གསོ་དང་སྦྱོང་བརྡར་སྤྲད་ཡོད་པའི་སྐོར་རྒྱ་ནག་གཞུང་གཉེར་གསར་ཁང་གིས་གནས་ཚུལ་སྤེལ་འདུག

XS
SM
MD
LG