ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤི་ཡིས་སླར་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་རྒྱ་ནག་ལ་བདག་གི་ཡོད་པ་བརྗོད་འདུག


རྒྱ་ནག་གི་སྲིད་འཛིན་ཤི་ཅིང་ཕིང་གིས་གཟའ་སྤེན་པའི་ཉིན་སིན་ག་པུར་གྱི་ནང་གཏམ་བཤད་བྱས་པའི་སྐབས་སུ་ ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དེ་དག་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ས་ཁོངས་ཡིན་པ་འགྲེལ་བརྗོད་བྱས་པ་དང་སྦྲགས་ མངའ་ཁུལ་དེའི་ཕྱི་ལོགས་ཀྱི་རྒྱལ་ཁབ་ཁག་ནས་འབྲེལ་ཡོད་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ཞི་བདེ་དང་བརྟན་ལྷིང་གི་སྒོ་ནས་འཛུགས་བསྐྲུན་ཡར་རྒྱས་ཡོང་སླད་དུ་རྒྱལ་ཁབ་དེ་ཚོའི་མངོན་འདོད་ལ་གུས་བཀུར་དང་ལེན་བྱེད་དགོས་ཀྱི་ཡོད་ཅེས་བརྗོད་ཡོད་པ་སོགས་ཀྱི་སྐོར་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG