ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཐེ་ཝན་གྱི་འགོ་ཁྲིད་རྣམ་པས་ཞི་བདེ་བསྐྲུན་རྒྱུའི་ཐད་གྲོས་མོལ་བྱས་ཡོད་པ།


ལོ་བཅུ་ཕྲག་མང་པོའི་རིང་ཕན་ཚུན་དགྲ་ཟླའི་འདུ་ཤེས་འཛིན་པའི་མཚོ་འགྲམ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཕན་ཚུན་ཐད་ཀར་ཐུག་འཕྲད་བྱས་པ་ཐོག་མ་དེ་ཡིན་ཞིང་ ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཐུག་འཕྲད་གྲོས་མོལ་དེའི་དམིགས་ཡུལ་གཙོ་བོ་ནི་ མཚོ་འགྲམ་ཕྱོགས་གཉིས་སུ་ ཞི་བདེ་དར་འཕེལ་དང་ དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཡིན་ལུགས་ ཕྱོགས་གཉིས་ཀས་འགྲེལ་བརྗོད་བྱས་ཡོད་པ་རེད་ ཞཱི་ཅིང་ཕིང་དང་ མཱ་ཡིང་ཇཱུ་ཐུག་འཕྲད་བྱས་པའི་གནས་ཚུལ་དེ་ སིང་གྷ་པུར་གྱི་ནང་བྱུང་ཡོད་པ་དང་ དེ་གའི་སྐད་གྲགས་ཆེ་བའི་ཤང་རི་ལ་མགྲོན་ཁང་གི་ཚོགས་ཁང་ཞིག་ཏུ་ ཕྱི་ནང་གི་གསར་འགོད་པ་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་པའི་མདུན་དུ་ ཁོང་གཉིས་ཀས་དགའ་འཛུམ་གྱི་རྣམ་འགྱུར་བསྟན་པའི་སྒོ་ནས་ཕན་ཚུན་ལག་པ་རྒྱུན་རིང་བཏང་བ་དང་ ཕན་ཚུན་གྲོས་མོལ་བྱེད་པའི་སྐབས་ གཅིག་གིས་གཅིག་ལ་བཀུར་འོས་སྐུ་ཞབས་ཞེས་འབོད་པ་ལས་ གོ་གནས་བེད་སྤྱོད་བྱས་མེད་ཅིང་ དེ་བཞིན་ ཐུག་འཕྲད་གྲོས་མོལ་བྱ་ཡུལ་དུ་རྒྱལ་དར་ཡང་སྒྲེང་འཛུགས་བྱས་མེད་པ་རེད།

XS
SM
MD
LG