ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁམས་འབྲི་རུ་ལ་བཙུན་དགོན་གཏོར་བ་དང་བཙུན་མ་ཕྱིར་འབུད་བྱས་པ།


རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་བཙུན་དགོན་ནས་བཙུན་མ་༡༠༦་ཕྱིར་འབུད་བྱས་པས་མ་ཚད། བཙུན་མ་རྣམས་ཀྱི་ཤག་རྣམས་གཏོར་ནས་སླར་ཡང་དགོན་པའི་ནང་འགྲོ་ས་མེད་པ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་ལ་དགོན་པ་དེའི་ནང་ཆོག་མཆན་ཡོད་པའི་བཙུན་མ་ཟེར་བ་༦༠་ཙམ་ལས་མེད་པ་བཅས་ཀྱི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG