ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཐའེ་ཝན་དབར་ཆེས་མཐོའི་དབུ་ཁྲིད་ཀྱི་མཇལ་འཕྲད་དང་པོ་གནང་རྒྱུ།


རྒྱ་ནག་དང་ཐའེ་ཝན་གཉིས་ནས་༡༩༤༩ལོའི་རྗེས་ཀྱི་ཆེས་མཐོའི་གཞུང་འཛིན་དབུ་ཁྲིད་དབར་གྱི་མཇལ་འཕྲད་ཐེངས་དང་པོ་དེ་ཕྱི་ཟླ་༡༡པའི་ཚེས་༧ཉིན་གནང་རྒྱུའི་སྐོར་གཟའ་མིག་དམར་གྱི་མཚན་མོ་གློ་བུར་དུ་གསལ་བསྒྲགས་གནང་ཡོད་པ་རེད། ཐའེ་ཝན་གྱི་སྲིད་འཛིན་མའོ་དབྱིན་ཇོའོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་མཇལ་འཕྲད་གནང་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་མ་ཐག་ ཐའེ་ཝན་ནང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་ནས་ངོ་རྒོལ་ཤུགས་ཆེ་གནང་བ་དང་ རྒྱ་ནག་གིས་དེ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་གལ་ཆེ་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུས་ཀྱི་རེད།

XS
SM
MD
LG