ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མདོ་རྔ་པར་བཀྲ་ཤིས་ལགས་ཀྱིས་ཞི་བའི་སྐད་འབོད།


ཕྱི་ལོ་༢༠༡༥་ཟླ་༡༠་ཚེས་༢༦་ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་བཀྲ་ཤིས་ཞུ་བའི་རང་ལོ་༣༡་ལ་སོན་པའི་བོད་པ་མི་སྐྱ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སྐད་འབོད་གནང་བཞིན་ཞི་བའི་གོམ་བགྲོད་གནང་བའི་སྐབས་སུ་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་པ་རེད།

XS
SM
MD
LG