ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་བགྲོ་གླེང་ཐེངས་གསུམ་པ།


ཨ་མི་རི་ཀའི་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་མཁན་ཚོའི་བགྲོ་གླེང་ཐེངས་གསུམ་པ་དེ་གཟའ་ལྷག་པའི་དགོང་མོ་གནང་ཡོད་པ་དང་ ཐེངས་དེའི་བགྲོ་གླེང་ནི་གཙོ་བོ་དཔལ་འབྱོར་གྱི་སྲིད་ཇུས་ཐད་ཡིན་པས་འོས་མི་ཚོས་རང་རང་གི་དཔལ་འབྱོར་སྲིད་ཇུས་ཀྱི་འཆར་གཞི་དང་གཞུང་གི་རྒན་ཡོལ་ཐོབ་ཐང་ལ་འགྱུར་བཅོས་འཆར་གཞི་ དེ་བཞིན་ལས་ཀ་མང་ཙམ་བསྐྲུན་ཐབས་ཀྱི་འཆར་གཞི་སོགས་ཀྱི་ཐད་རང་གི་འཇོན་ཐང་ངོམས་ཏེ་བགྲོ་གླེང་ཤུགས་ཆེ་གནང་ཡོད་པ་རེད།

XS
SM
MD
LG