ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ད་ཆ་རྒྱ་ནག་ནི་འཛམ་གླིང་གི་ནང་དྲ་རྒྱ་ལ་དམ་དྲག་བྱེད་མཁན་སྡུག་ཤོས་སུ་གྱུར་ཡོད་པ།


ཞིབ་འཇུག་གི་སྙན་ཐོ་གསར་པ་ཞིག་གི་ནང་ རྒྱ་ནག་ནི་ འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ནས་ དྲ་རྒྱ་ལ་དམ་དྲག་དང་བཀག་སྡོམ་བྱེད་པའི་ཟིན་ཐོ་ཆེས་ཐ་ཞན་གྱི་རྒྱལ་ཁབ་གཅིག་ཏུ་གྱུར་ཡོད་པ་འཐེར་འདོན་བྱས་ཡོད་འདུག་ དེ་ཡང་ གཞུང་འབྲེལ་མ་ཡིན་པའི་ཨ་མི་རི་ཀའི་ཚོགས་པ་༼རང་དབང་གི་ཁང་པ་༽ཞེས་པས་ ཕྱི་ལོ་༢༠༡༤ལོའི་ཟླ་བ་དྲུག་པ་ནས་ད་ལྟ་བར་ འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་འགོད་སྤེལ་དང་ལྟ་ཀློག་ཆོག་པའི་ཐོབ་ཐང་དང་ རང་དབང་ཇི་འདྲ་ཡོད་མེད་ཀྱི་ཐད་ཞིབ་འཇུག་བྱས་ཏེ་ རེས་གཟའ་ལྷག་པའི་ཉིན་ སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་ རང་དབང་ཆེ་ཆུང་ལ་གཞིགས་ཏེ་རྒྱལ་ཁབ་གོ་རིམ་བསྒྲིགས་ཡོད་པ་དེའི་ནང་ རྒྱ་ནག་ནི་ འཕྲིན་གཏོང་བྱ་གཞག་གི་ཐད་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པ་འཐེར་འདོན་བྱས་ཏེ་ གོ་རིམ་གྱི་མཐའ་མ་དེར་བཞག་ཡོད་འདུག་ དེ་ནི་སྔ་ལོ་ལས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་ཞིག་ཡིན་ཞིང་ སྔ་ལོའི་སྙན་ཐོའི་ནང་ རྒྱ་ནག་ མཇུག་ནས་བརྩིས་པའི་ཨང་གསུམ་པ་དེ་ཡིན་ཀྱང་ འདི་ལོ་ ཨི་རན་དང་ སི་རི་ཡ་ཡང་རྒྱ་ནག་ལས་ཡག་ག་བྱུང་སྟེ་ རྒྱ་ནག་མཇུག་ཤོས་སུ་ལུས་ཡོད་པ་རེད།

XS
SM
MD
LG