ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐའི་ཝེན་གྱི་འོས་བསྡུའི་གྲུབ་འབྲས་དེ་ཡིས་ཨ་རི་དང་རྒྱ་ནག་དབར་འཁྲུག་རྩོད་སློང་རྒྱུའི་ཉེན་ཁ།


ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གནས་སྟངས་དེ་ཉེན་ཚབས་ཆེན་པོ་ཞིག་མཐོང་བཞིན་ཡོད་པ་དང་ དེ་བས་ཉེན་ཚབས་ཆེ་བའི་གནས་ཚུལ་ནི་༢༠༡༦ལོའོི་ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན་ ཐའེ་ཝེན་གྱི་སྲིད་འཛིན་འོས་བསྡུ་བྱ་རྒྱུ་དེ་ཡིན་པ་རེད་ འོས་བསྡུའི་གྲུབ་འབྲས་དེ་ ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཚད་དམའ་རུ་འགྲོ་སྲིད་པ་དང་འཁྲུག་རྩོད་ཀྱི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་དེ་བཞིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་འབྲེལ་བ་ཡོད་པའི་རྒྱལ་ཁབ་ ཨོས་ཀྲེ་ལི་ཡ་ལྟ་བུའི་ཡུལ་ཁག་ཚོས་ རང་གི་ལས་དོན་བྱེད་ཕྱོགས་ལ་དེ་བས་དཀའ་རྙོག་བཟོ་སྲིད་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG